༄་། སྐུ་ཉིད་གནམ་མཚོ་བོད་ཀྱི་རིག་གནས་ལྗོངས་རྒྱུའི་དྲྭ་རྒྱར་ཕེབས་པར་དགའ་བསུ་ཞུ།

ཉེ་བའི་སྲས་ཆེན།
གཙུག་ལག་ཁང་གི་མཆོད་མེ་།
གནམ་མཚོ།
སྤོར་ཐང་ལ།

  འཛམ་གླིང་གི་ཡངས་རྩེར་གནས་ཤིང་། ཡངས་ཤིང་རྒྱ་ཆེ་ལ་མཛེས་ཤིང་ལྟ་ནར་སྡུག་པའི་བོད་ཁ་བ་ཅན་གྱི་དབུས་ཕྱོགས་སུ་གནས་པའི་གནམ་མཚོ་ཕྱུག་མོའི་གསལ་ཞིང་དྭངས་ལ་དྲི་མ་བྲལ་བའི་མདངས་དང་། གཏིང་ཟབ་ཅིང་རྒྱ་ཆེ་བའི་ཁྱད་ཆོས་དེས་བོད་ཁ་བ་ཅན་གྱི་གཏིང་ཟབ་རྒྱ་ཆེའི་ལོ་རྒྱུས་རིག་གནས་དང་།  ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དེ་མཚོན་པར་བྱེད་བཞིན་ཡོད།

ང་ཚོའི་དམིགས་ཡུལ་ནི་གནམ་མཚོ་ཕྱུག་མོའི་རིག་གནས་ལྗོངས་རྒྱུ་བའི་མིང་ཐོག་ནས་བོད་ཁ་བ་ཅན་གྱི་རིག་གནས་སྤྱི་དང་། ཡང་དགོས། སྒྱུ་རྩལ།  སྐད་ཡིག་  ཚད་མ་དང་།  ཆོས་རིག་སོགས་པའི་གནས་ཚུལ་སྤེལ་བའི་སྡེངས་ཆ་ཞིག་བསྐྲུན་ཐབས་ཆེད་ཡིན།

ང་ཚོའི་དམིགས་ཡུལ་གཞན་ཞིག་ནི་དབུས་ཨི་ཤི་ཡ་མངའ་ཁུལ་ལ་གནས་པའི་བོད་ཀྱི་སངས་རྒྱས་བསྟན་པ་དར་སའི་ལུང་པ་ཁག་དང་། ལྷག་པར་དུ་མདོ་སྟོད་སྨད། དེ་བཞིན་སྟོད་གངས་རིན་པོ་ཆེས་སོགས་པར་མི་གྲངས་ཉུང་ཉུང་བསྡུས་པ་ལས་རིག་གནས་ལྗོངས་རྒྱུ་གོ་སྒྲིག་བྱ་རྒྱུ་དེ་ཡིན།

མཛའ་བརྩེའི་ལྗོངས་རྒྱུ་བ་རྣམས་ཀྱི་འདུན་པ་སྐོང་གང་ཐུབ་ཡོང་ཆེད། བོད་རིག་པ་སྨྲ་བ་དང་། རིགས་གཅིག་རྐང་འཛིན་པ། དེ་བཞིན་བོད་རིགས་ཁོ་ན་ལས་གྲུབ་པའི་མི་སྣ་ལྷན་དུ་མཉམ་ལས་བྱ་བཞིན་ཡོད།

ཁྱེད་ཀྱི་དགོངས་འཆར་ནི་ང་ཚོས་དུས་རྟག་ཏུ་རིན་ཐང་རྩ་ཆེར་འཛིན་བཞིན་ཡོད་ན། སྐུ་ཉིད་ཀྱི་དགོངས་འཆར་དང་། རེ་སྐུལ་ལ་སོགས་ང་ཚོར་གསུངས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡི།

སྐུ་ཁམས་བདེ་བ་དང་བཅས་གནམ་མཚོ་བོད་ཀྱི་རིག་གནས་ལྗོངས་རྒྱུ་ཚོགས་ཆུང་ནས།